2014年3月4日 星期二

殊勝神變月


索達吉堪布: 從今天起進入神變月(公曆3.2—3.30),每天都是吉祥日,行持任何善法,功德增爲平時的十億倍。這是一年裏最好的修行機會,大家切莫散亂。喇榮五明佛學院將開15天的持明法會,僧衆誦九本尊心咒,爲全世界和一切衆生祈福。你若想參與卻又不會念此咒,也可念大自在祈請文,或觀音心咒嗡瑪尼貝美吽



༄༅།  །སྣང་སྲིད་དབང་དུ་སྡུད་པའི་གསོལ་འདེབས་བྱིན་རླབས་སྤྲིན་ཆེན་བཞུགས་སོ།  །
                                     大自在祈請文

ཨོཾ་ཨཱཿཧཱུྃ་ཧྲཱིཿ
嗡阿吽啥
嗡阿吽啥
བདེ་ཆེན་འབར་བ་དབང་གི་ཕོ་བྲང་དུ།།             བདེ་སྟོང་སོ་སོར་རྟོགས་པའི་ཡེ་ཤེས་སྐུ།།
得欽巴瓦旺格頗庄德                     得東所所多波耶希格
大樂熾燃自在宮殿中          樂空聖妙觀察智慧身
མ་ཆགས་བདེ་ལྡན་པདྨའི་རང་བཞིན་ལས།།          རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་དཔལ།།
瑪恰得丹巴美讓信利                      多杰涅瑪囊瓦欽布巴
離欲具樂蓮花自性中          金剛日尊大光明威德
ཆོས་སྐུ་སྣང་བ་མཐའ་ཡས་རྡོ་རྗེ་ཆོས།།               འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རྗེས་ཆགས་གཟུགས།།
丘格囊瓦塔義多杰丘                       杰滇旺協特吉吉洽俗
法身無量光佛金剛法           世間自在大慈大悲身
པདྨ་རྒྱལ་པོ་འཁོར་འདས་མངའ་དབང་བསྒྱུར།།         སྣང་སྲིད་ཟིལ་གནོན་དབང་ཆེན་ཧེ་རུ་ཀ།
巴瑪嘉波括迪阿旺杰                        囊哲熱諾旺欽嘿嚕嘎
駕御輪迴涅槃蓮花王           摧伏三有雄威嘿嚕嘎
གསང་བ་ཡེ་ཤེས་བཛྲ་ཝཱ་ར་ཧི།།                       བདེ་མཆོག་འདོད་པའི་རྒྱལ་པོ་བདེ་ཆེན་གཏེར།།
桑瓦耶希班匝瓦                      得巧多波嘉波得欽得
秘密智慧金剛亥母尊            勝樂妙欲之王大樂藏
མ་ལུས་སྐྱེ་རྒུའི་ཡིད་འཕྲོག་རིག་བྱེད་མ།།                མཆོག་ཐུན་ཕྱག་རྒྱའི་དབང་ཕྱུག་བདེ་སྟོང་གར།།
瑪利杰給耶綽熱協瑪                          巧屯夏吉旺協得東嘎
攝諸眾生心識作明母            勝共手印自在樂空舞
དབང་མཛད་རྡོ་རྗེ་དཔའ་བོ་ཌཱ་ཀིའྀ་ཚོགས།།               སྣང་སྟོང་མཉམ་པ་ཆེན་པོའི་ངང་ཉིད་དུ།།
旺匝多杰華沃札給措                           囊東年巴欽布昂涅德
懷柔金剛勇士空行聚            現空廣大平等自性中
རྡོ་རྗེ་སྐུ་ཡི་གར་གྱིས་སྲིད་གསུམ་གཡོ།།                  འགགས་མེད་གསུང་གི་བཞད་སྒྲས་ཁམས་གསུམ་འགུགས།།
多杰格耶嘎吉哲森友                           嘎美頌格雅這堪森固
金剛身之游舞震三有             無礙語之笑聲召三界
འོད་ཟེར་དམར་པོས་འཁོར་འདས་ཡོངས་ལ་ཁྱབ།།          སྲིད་ཞིའི་དྭངས་བཅུད་གཡོ་ཞིང་སྡུད་པར་བྱེད།།    
奧瑞瑪布括迪永拉恰                           哲習當杰友向德巴協
紅光周遍輪涅一切處             撼動聚集有寂之精華
རྡོ་རྗེ་ཆགས་པ་ཆེན་པོའི་ཐུགས་ཀྱིས་ནི།།                   རྣམ་གཉིས་དངོས་གྲུབ་འདོད་རྒུའི་མཆོག་སྩོལ་ཞིང༌།།     
多杰恰巴欽波特吉呢                             南尼歐哲多給巧作向
依於金剛大欲之意樂              賜予所欲二種勝悉地
རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེན་པོ་ཡིས།།                     སྣང་སྲིད་བདེ་བ་ཆེན་པོར་སྡོམ་བྱེད་པ།།
多杰嘉杰雅巴欽波義                             囊哲得瓦欽波敦協巴
施以金鋼鐵鉤大罥索              萬有顯現攝縛大樂中
མཐའ་ཡས་སྒྱུ་འཕྲུལ་དྲྭ་བའི་རོལ་གར་ཅན།།                 ཏིལ་གྱི་གོང་བུ་ཕྱེ་བ་བཞིན་བཞུགས་པའི།།
塔義杰徹札沃若嘎堅                              德杰功沃協瓦信秀波
無邊幻網之中游舞者              猶如芝麻莢開而安住
རབ་འབྱམས་རྩ་གསུམ་དབང་གི་ལྷ་ཚོགས་ལ།།               གུས་པས་གསོལ་བ་འདེབས་སོ་བྱིན་གྱིས་རློབས།།  
饒降匝森旺格拉措拉                               給比所瓦得所辛吉洛
懷柔聖眾浩瀚三根本              至誠恭敬祈禱垂加持
མཆོག་ཐུན་དངོས་གྲུབ་འདོད་རྒུའི་དཔལ་མཐལ་དག།         ཐོགས་མེད་དབང་དུ་བྱེད་པའི་དངོས་གྲུབ་སྩོལ།། །།
巧屯歐哲多給巴塔達                               托美旺德協波歐哲作
一切所欲勝共諸悉地               無礙自在成就祈垂賜

ཅེས་པའང་རབ་ཚེས་ས་ཡོས་ཟླ་༧་ཚེས་༡་ལ་དྷཱིཿམིང་པས་སྤེལ།  གསོལ་བ་བཏབ་ན་གང་ཟག་སུ་ཡང་རུང་སྟེ་དབང་གི་ལས་ཀུན་ཇི་ལྟར་བསམ་པ་བཞིན་འགྲུབ་པར་གདོན་མི་ཟའོ།  །དར་དམར་ལ་བྲིས་ཏེ་ཕྱར་བའམ་མེ་རླུང་ལ་འཁོར་ལོ་བྱས་ཀྱང་འགྲུབ་བོ།  མངྒ་ལཾ།།  །། 
此為藏曆土兔年七月一日,具德(དྷཱིཿ名者(米滂仁波切)造。任誰祈禱皆能如願成就一切懷業,毋庸置疑。寫於紅布高懸或以火、風作轉輪,亦能成辦。願增吉祥!


Related Posts Plugin for WordPress, Blogger...